་་་་་་་་་་་་་་་་་་་མཚོ་སྔོན་པོའི་དྲ་རྩོམ་ལས་སྨད་འཚོང་མ་ཞིག་གི་སྐད་ཆ་རྙེད་རྗེས།
དུས་ཚོད་མོག་པའི་སྲང་ནས་ཁྱོད་ནི་རལ་བར་བྱས།།
བཙན་དང་ཤེད་ཀྱིས་གཙང་མའི་ལུས་ཀྱང་རལ་བར་བྱས།།
ཉི་མ་རློན་པ་དེ་ཡང་དྲི་མ་ཁ་ནས་བྱུང་།།
འཁྱག་ཅིང་གྲང་བའི་ཁེར་ལམ་ཞིག་ཀྱང་འདི་ནས་ཚུགས།།
བུ་ཕྲུག་ལམ་ནི་སྐེ་ལ་བཏགས་ནས་སྒོ་ཞིག་རྙེད།།
རྨོ་མོའི་ཁུར་ཞིག་རྒྱབ་ཏུ་བླངས་ནས་སྒོ་ཞིག་རྙེད།།
གློག་དང་ཆང་གིས་དཀྲུགས་པའི་སྒོ་ལ་འདར་བཞིན་ཞུགས།།
མི་ཕོ་རེ་རེའི་ཁ་རུལ་འཇིབ་ནས་དངུལ་ལོ་བཙལ།།
ཐ་མག་འདྲེས་པའི་མིག་ཆུ་རས་ཀྱི་གདན་ལ་ཟགས།།
སེན་རྩི་ཅན་གྱི་ལག་པས་རྒན་པོའི་དོར་མ་སྒུལ།།
རྩུབ་ཅིང་རྫོབ་པའི་སྐེ་ལ་འཁྱུད་ནས་འཛུམ་ཞིག་བཙིར།།
གསལ་ལ་མི་གསལ་ཁང་མིག་ནང་ནི་རུལ་ཞིང་མྱགས།།
ཕ་ཡུལ་གྲོང་གི་རྐང་ལམ་ནང་ནས་མཆུ་སྒྲོས་ཕྱིས།།
གཅེས་པའི་བུ་ཆུང་བྲང་ལ་སྦྱར་ནས་མིག་ཆུ་ཕྱིས།།
སླ་ང་ནག་པོ་ཐབ་ཏུ་ངར་ནས་ཟས་ཤིག་གཡོས།།
དྲོད་ཙམ་འཁོལ་བའི་ཁྱིམ་ཚང་ཕྱི་ན་རླུང་ནི་ལྡང་།།
མཚན་མོའི་དུས་ཀྱི་སྲང་ལམ་བསྲུངས་ནས་མི་ལ་འབྱར།།
རང་གི་རྐང་ཐུང་མགྱོགས་པོར་བཤུས་ནས་བརླ་སྒོ་བཟེད།།
མི་དྲག་སྒམ་པོ་ཧེབ་ཀྱི་དད་པ་ཁྱོད་ལ་འཕེལ།།
ངུ་ཞིང་འཁུན་པའི་ཅལ་གྱི་སྒྲ་ཡི་འཚོ་བ་གཉེེར།།
ཕྱི་རོལ་གྲོང་གསེབ་མི་ཡི་ཁ་ནས་གཙབ་པར་བྱས།།
དུང་ཞིང་བརྩེ་བའི་གཉེན་གྱི་གྲས་ནས་ཕུད་པར་བྱས།།
ཤ་ལས་ཆད་པའི་བུ་ཡི་དོན་དུ་ལུས་ནི་བཙོང་།།
དྲིན་གྱིས་གསོས་པའི་མ་མའི་ཕྱིར་དུ་འདོམས་ནི་ཕྱེས།།
ཁྲིམས་དཔོན་རྒན་པོའི་རེས་གཟའ་ཉི་མ་ཁྱོད་ལ་གཏད།།
ཚོང་དཔོན་ཆེན་མོའི་ཕྱི་འབྲེལ་ལམ་ལུགས་ཁྱོད་ལས་བརྩམས།།
ཁྱོད་ཀྱི་འདོམས་ནི་བཀུར་ཞིང་བརྩེ་བཞིན་ཧབ་ཆ་བརྒྱབ།།
ད་དུང་སྒོ་མོའི་ཕྱི་ན་བསྟར་བའི་མི་ཆེན་མང་།།
སྲིད་ཇུས་འགྱུར་ལྡོག་བར་ནས་ཆང་གི་སྒོ་མོ་གཏན།།
ཁྱོད་ཀྱི་ནུ་མ་བག་མེད་ཕུར་བའི་སྐུ་ངོ་འགྱུར།།
ཁྲིམས་འགལ་ལས་ཀྱི་བྱ་སྤྱོད་ཅེས་པའི་འུད་ཀྱང་བསྒྲགས།།
ཁྱོད་ཀྱི་འདོམས་ལ་ཉིན་མཚན་འཛུལ་བ་བརྗེད་དེ་ཐལ།།
ལྕགས་ཀྱི་གདུ་བུ་ལག་ལ་ཐོགས་པས་ཁྲིམས་ལུགས་སྒྲོག།།
གློག་གི་དབྱུག་པ་དགུང་དུ་འཕྱར་བས་གནས་ལུགས་བཤད།།
ཚིག་གིས་ཚ་ཞིང་འདེད་པའི་མི་ཡང་ཁྱོད་ལ་བཅར།།
ཁྱོད་དང་ལུས་པོར་དྲོད་ཀྱིས་འདྲེས་པས་རྡུང་ཞིང་བཙིར།།
མོ་མཚན་ཡར་ལ་འཁོར་བས་ཁྲིམས་ཀྱི་ལུགས་དང་འགལ།།
ཕོ་མཚན་མར་ལ་བཙུགས་པས་མི་ཡི་སྲོལ་དང་མཐུན།།
ཁྱོད་ཀྱིས་ཡིག་ཆ་འདི་ཡང་སྐད་དུ་བཀྱགས་ནས་བརྗོད།།
སྨྱོན་མ་ཟེར་ནས་ཤེད་དང་ཤུགས་ཀྱིས་དེད་ནས་ཕྱིན།།
རྒན་མོ་ཁེར་འདུག་དེ་ཡིས་གསར་འགྱུར་གོ་ཡོད་དམ།།
བུ་ཆུང་དྭ་ཕྲུག་དེ་ཡིས་གནས་ཚུལ་ཤེས་ཡོད་དམ།།
ཁྱོད་ཀྱི་གནས་ལུགས་གནས་ལུགས་ཤིག་ཏུ་མ་གྱུར་ཐལ།།
ཁྱོད་ཀྱི་མི་ཚེ་བདེན་པ་ཞིག་ཏུ་མ་མཐོང་ཐལ།།
དྲ་བ་དེ་ནི་རྡོ་དང་ལྕགས་ལ་འབྱར་ནས་ཡོད།།
ཁྱོད་ཀྱི་སེམས་ནི་མ་དང་བུ་ལ་འབྱར་ནས་ཡོད།།
དཔོན་པོ་དག་གིས་དྲོད་ཀྱིས་རུམ་པའི་བརླ་ཡང་འཁྱག།།
སེམས་ཀྱི་ཁུར་བོ་གནས་ལུགས་ཅན་ཡང་བདག་མེད་ལུས།།
སྙན་ངག་པ་ཞིག་འཇབ་ནས་ཁྱོད་ཀྱི་སྐད་ལ་ཉན།།
བདེན་པའི་ཤ་ཞིག་བརྡར་ནས་ཁྱོད་ཀྱི་གསང་བ་རྙེད།།
ཁྱོད་རང་སྤྱད་པའི་ཤུལ་དུ་ལྷག་པའི་ལུས་པོ་དེ།།
ཞིབ་ཏུ་བརྡར་བའི་མཐའ་མའི་སྐད་འདི་ཧོལ་གྱིས་ཤོར།།
ཡོང་ཁུངས བོད་ཀྱི་དུས་བབས།
མཆན།
ཚོང་དཔོན་དཔལ་དང ་འབྱོར་བ་ཁྱོད་ཀ ྱིས་བསླུ། །
སྟག་ཤར་མཚན་དང་ས ྙན་གྲགས་ཁྱོད་ཀྱ ིས་བསླུ། །
སྡོམ་ཚིགས་དྲི་ག ཙང་བཙུན་པ་ཁྱོད་ ཀྱིས་བསླུ། །
ཁྱིམ་ཆུང་མར་མ་ག ཏོགས་སྤྱོད་ཀི་མ ེད། །
རྒྱ་གཤང་བཙོང་མའ ི་གཤང་ཁ་དྲོ་བར་ ཤོག
དཔོན་ཧམ་ཤེད་ཅན་ མྱེ་ལྕེས་འཚིག་པ ར་ཤོག
དམན་བུ་མོ་ཚོའི་ རླུང་རྟ་འབར་བར་ ཤོག